སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་། Tibetan Medical & Astro.College Bengaluru

  • Home
  • India
  • Bangalore
  • སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་། Tibetan Medical & Astro.College Bengaluru

སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་། Tibetan Medical & Astro.College Bengaluru MenTseeKhang Sowa-Rigpa College is a Traditional Tibetan medicine College

བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་བྱུང་རིམ་མདོར་བསྡུས།
བོད་གངས་ཅན་གྱི་ལྗོངས་སུ་རིག་པའི་གནས་ཆེན་ལྔར་གྲགས་པའི་ཡ་གྱལ་གཞན་རྗེས་སུ་འཛིན་པའི་གསོ་བ་རིག་པ་དང་། བླང་དོར་རྣམ་འབྱེད་ཀྱི་རིག་པ་དཀར་ནག་རྩིས་གཉིས་ལ་ལོ་ངོ་བཞི་སྟོང་ལ་ཉེ་བའི་ལོ་རྒྱུས་ཀྱི་རྒྱུད་རིམ་ལྡན་ཞིང་། དེ་ནི་གདོད་མའི་བོད་ཀྱི་སྙན་རྒྱུད་གསོ་རིག་གི་ཤེས་བྱ་རྨང་གཞིར་བྱས་ཐོག་ལོ་རྒྱུས་ཀྱི་ཁུངས་བཙུན་ཞིང་ཐུན་མོང་མ་ཡིན་པའི་ལག་ལེན་ལ་བརྟེན་ནས་རང་རིགས་སྐྱེ་བོ་ཡོངས་དང་། ཁྱིམ་མཚེས་མི་རིགས་བཅས་ལའང་ཞབས་འདེགས་བླ་མེད་ཞུས་པའི་ལོ་རྒྱུས་ལྡན། འདས་པའི་སྤྱི་ཚོགས་འཕོ་འགྱུར་དང་རིག་གནས་དར་སྤེལ་གྱི་བྱ་གཞག་ནང་མཉམ་མེད་ཤཱཀྱ་སེང་གེས་བསྟན་པའི་ཆོས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ཟུར་རྒྱན་གྱིས་རབ་ཏུ་ཕྱུག་པའི་རིག་གཞུང་ཞིག་ཡིན།
ལུགས་དེ་རྒྱུན་འཛིན་བྱས་པའི་རྒྱུད་རིམ་ནི། དུས་རབས་བརྒྱད་པ་ཕྱི་ལོ་ ༧༦༣ ལོར་རྗེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཀོང་པོ་སྨན་ལུང་དུ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱུད་བཞིའི་ཆ་ལག་ཁ་སྐོང་དང་བཅས་པ་འཆད་ཉན་བསྐྱངས་ཏེ་སྨན་པ་བསྡུས་ར་བ་དང་། བཀའ་བཅུ་པ། རམ་འབྱམས་པ། འབུམ་རམས་པ་བཅས་གཞུང་ཚད་ལ་གཞིགས་པའི་སྨན་པའི་གོ་མིང་གསར་གཏོད་གཏན་བེེེབས་མཛད་པ་བཅས་ཀྱི་སློབ་རྒྱུན་དང་མན་ངག་གི་རྒྱུད་པ་ཟམ་མ་ཆད་པར་བོད་གངས་ཅན་གྱི་ཡུལ་འདིར་བྱུང་བ་དང་། དེ་བཞིན་དུས་རབས་བཅུ་བདུན་པའི་ནང་༸རྒྱལ་མཆོག་ལྔ་པ་ཆེན་པོས་ལྕགས་པོ་རི་གཙོས་བོད་ཀྱི་ས་ཕྱོགས་འགའ་ཞིག་ལ་སྨན་རྩིས་སློབ་གཉེར་ཁང་ཕྱག་བཏབ་ཏེ་གསོ་རྩིས་བསྟན་པའི་སྒྲོན་མེ་རྒྱ་ཆེར་སྤེལ་གནང་མཛད།
ཕྱི་ལོ་ ༡༩༡༦ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ལྡན་སྨན་རྩིས་ཁང་གསར་འཛུགས་མཛད་པ་དེའི་རྒྱུད་པ་ཟམ་མི་ཆད་པར་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་བཙན་བཟུང་གིས་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བཞིན་པའི་སྐབས་དེར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་བོད་ཀྱི་བསྟན་སྲིད་སླར་གསོའི་སླད་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། འདིར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་ཐོག་མར་སློབ་གྲྭ་དང་དགོན་སྡེ་ཁག་གསར་འཛུགས་གནང་བའི་ཁོངས་སུ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ལོ་ ༡༩༦༡ ལོར་ཐོག་མར་དགེ་རྒན་གཅིག་དང་སློབ་མ་གཉིས་ནས་སྨན་རྩིས་མཐོ་སློབ་ཁང་དེ་དབུ་འཛུགས་བཀའ་དྲིན་བསྐྱངས་ཏེ་ད་བར་སྨན་སློབ་སྐབས་བཅུ་བདུན་བར་སྨན་པ་གྲངས ༣༡༡ དང་རྩིས་སློབ་སྐབས་བརྒྱད་པ་བར་རྩིས་པ་གྲངས་ ༦༠ བཅས་སྨན་རྩིས་ཁང་གི་དབུས་དང་ཡན་ལག་སྨན་ཁང་ཁག་ནང་འགྲོ་བ་ནད་པ་གྲངས་ལས་འདས་པ་ལུས་སེམས་ཀྱིས་སྡུག་བསྔལ་ལས་འདྲེན་བཞིན་མཆིས་ལ། མ་ཟད་ལྟའི་ཆར་བོད་ཀྱི་སྨན་རྩིས་མཐོ་སློབ་དུ་སྨན་སློབ་གྲངས་ ༨༤ རྩིས་སློབ་གྲངས་༢༢བཅས་སློབ་སྦྱོང་བྱེད་བཞིན་ཡོད།
བོད་ཀྱི་སྨན་རྩིས་མཐོ་སློབ་ནང་རང་རིགས་བོད་ཕྲུག་ཙམ་མ་ཡིན་པར་བོད་ཀྱི་སྨན་རྩིས་གཉིས་ལ་དོན་གཉེར་ལྡན་པའི་མི་རིགས་གང་འདྲ་ཞིག་ལའང་སྨན་རྩིས་མཐོ་སློབ་ནང་སྒྲིག་གསལ་ཆ་རྐྱེན་ཡོད་པའི་ཐོག་ནས་སློབ་ཞུགས་བྱེད་རྒྱུར་དགའ་བསུ་ཡོད་པ་དང་། དེ་བཞིན་བོད་ཀྱི་སྨན་རྩིས་སློབ་སྦྱོང་བྱེད་འདོད་ཡོད་ཀྱང་བོད་ཀྱི་སྐད་ཡིག་མི་ཤེས་པའི་དབང་གིས་རྒྱུན་གཏན་སློབ་ཞུགས་བྱེད་མི་ཐུབ་པ་རྣམས་ལ་ལོ་ལྟར་ཨིན་སྐད་ནང་དུས་ཐུང་གི་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་མ་ཟད་འདི་ནས་སྨན་རྩིས་སློབ་དགེ་འབྲེལ་ཡོད་ཕྱི་རྒྱལ་ཁག་ལའང་སློབ་འཁྲིད་ཆེད་གཏོང་མུས་ཡིན།
བོད་ཀྱི་སྨན་རྩིས་མཐོ་སློབ་ནང་སྤྱིར་གནའ་སྲོལ་ཀྱི་སློབ་འཁྲིད་ཀྱི་རྒྱུད་པ་རྩ་གཞུང་བློ་འཛིན་བྱེད་རྒྱུ་དང་ཧི་མ་ལ་ཡའི་རི་རྒྱུད་དུ་སྔོ་སྨན་ངོ་སྤྲོད་དང་། ཁྲོག་སྨན་ངོ་སྤྲོད། སྨན་སྦྱོར་ལག་ལེན་སོགས་ཉམས་མེད་ཐོག་དེང་དུས་ཚན་རྩལ་འཕྲུལ་ཆས་དང་ཚན་རྩལ་སློབ་འཁྲིད་བྱེད་ཐབས་ཀྱི་ལེགས་ཆ་བླངས་ནས་སློབ་འཁྲིད་བྱེད་པ་མ་ཟད་བོད་ཀྱི་གསོ་བ་རིག་པའི་གཞུང་ཚད་སློབ་འཁྲིད་ཆ་ཚང་བ་བྱེད་རྒྱུ་གཙོ་བོར་འཛིན་པའི་ཐོག་ནས་ཚན་རིག་སྨན་ལུགས་ལས་ལུས་ཀྱི་གནས་ལུགས་དང་མཚན་ཉིད། བརྟག་ཐབས་རིག་པ་སོགས་ཡང་རྩེའི་སྟེང་ལ་ཡས་སྒྲོན་ཞེས་པའི་དཔེ་ལྟར་ལོ་ལྟར་ Emory གཙུག་ལག་སློབ་གྲྭ་ནས་ཕྱི་ལུགས་སྨན་གྱི་སློབ་དཔོན་གདན་ཞུས་ཀྱིས་སྨན་སློབ་རྣམས་ལ་སློབ་འཁྲིད་བྱེད་པ་དང་། དེ་བཞིན་ལོ་ལྟར་ Tanda སྨན་གྱི་མཐོ་སློབ་དུ་ཕུང་པོ་དངོས་སུ་བཤག་པ་མཐོང་རྒྱུ་ཡོད་པའི་ཐོག་ནས་རོ་བཀྲའི་སློབ་སྦྱོང་བྱེད་རྒྱུ་ཡོད་མ་ཟད། དུས་རྒྱུན་དུ་སྐྱེ་ཁམས་ཚན་རིག་གི་སློབ་དགེ་གཏན་འཇགས་ཀྱིས་སློབ་ཚན་མ་ཚང་བ་མེད་པར་འཆར་བཀོད་བྱེད་ཀྱི་ཡོད།
བོད་ཀྱི་གསོ་རྩིས་རིག་པ་ནི་བོད་རྒྱུད་ནང་བསྟན་དང་འབྲེལ་བ་ཆེ་ཞིང་། ལྷག་པར་དུ་སྨན་པའི་རྒྱུ་དྲུག་ནི་དྲི་མ་མེད་པའི་ནང་པའི་བལྟ་སྤྱོད་ལས་ཁ་སྐོང་མཛད་པ་ཞིག་ཡིན་ཞིང་དེ་ཡང་རྒྱ་ཆེ་བ་དང་གཏིང་གཟབ་པ་ཞིག་སློབ་མ་ཚོས་ཤེས་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྟབས་སློབ་ཕྲུག་ཚོར་དུས་དང་རྣམ་པ་ཀུན་དུ་ནང་ཆོས་ཀྱི་སློབ་དཔོན་གདན་འདྲེན་གྱིས་སློབ་སྦྱོང་སྤྲོད་ཀྱི་ཡོད། ལྷག་པར་དུ་སྨན་རྩིས་བསྟན་པ་ཇི་སྲིད་བར་གནས་པའི་ཆེད་དུ་ལྕགས་པོའི་རིའི་དབུ་མཛད་སྨན་པ་ཆེན་པོ་བསྟན་འཛིན་དཔལ་མཆོག་ལགས་ནས་དབུ་འཛུགས་མཛད་པའི་གཡུ་ཐོག་སྙིང་ཐིག་གི་ཆོ་གའི་རྒྱུད་པ་ཁུངས་དག་ཤོས་དེ་ཟླ་རེའི་ཚེས་བཅུ་ཉེར་ལྔ་གང་རུང་ལ་ཆད་མེད་གཏོང་བཞིན་ཡོད་ལ་སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དང་། སྐྱབས་རྗེ་དགའ་ནོར་རིན་པོ་ཆེ་མཆོག་ལ་སྐྱབས་འཇུག་གིས་སྨན་རྩིས་སློབ་མ་གཅིག་ལའང་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཆད་ལུས་མེད་པ་ཐོབ་པ་བྱེད་ཀྱི་ཡོད།
མདོར་ན་བོད་ཀྱི་སྨན་རྩིས་མཐོ་སློབ་འདི་ནི་གནའ་དེང་ཟུང་འབྲེལ་གྱི་བོད་ལུགས་གསོ་རིག་དང་བོད་ཀྱི་རྩིས་རིག་པར་སློབ་གཉེར་བྱེད་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན་པ་དང་། མཐོ་སློབ་དེའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ནི་ཤེས་སྤྱོད་གང་སྤྱིའི་ཐད་བོད་པའི་སློབ་གྲྭ་ཁག་གི་ནང་ནས་ཡོང་བའི་ཕུལ་བྱུང་གི་སློབ་མ་རྣམས་ཡིན་ཞེས་བརྗོད་ཆོག

Brief History of Tibetan Medical and Astro-College

Tibetan Medical Science and Tibetan Astro-Science are Cultural Sciences of Tibet and enjoy a long-standing history of over 4000 years. It posses an authentic history as it is based on the oral transmission of medical knowledge passed over from the primordial times and with its own exclusive treatment methods, it has been put into service of providing wellness for the Tibetan people and people belonging to our neighboring countries. Moreover, in the course of its evolution, it has been infused with the wisdoms from the pages of Buddhism and thus, it has been developed into one of the most well-decorated and rich cultural traditions of Tibet. To set into its lineage system: Yuthok Yonten Gonpo; the father of Tibetan Medicine began the teaching of Tibetan Medicinal text ‘Four Tantra’ and its auxiliary texts in Kongpo Menlung at 763 AD to an audience of over 300 students and thus formatted levels of education by introducing degree titles: Due-rava, Ka-chupa, Rab-jampa and Bum-rampa. The teaching and its lineage continued in the set environment and in 17th century, His Holiness the Great 5th Dalai Lama envisioned and founded ‘Chagpori Medical College’ and other learning centres of Tibetan Medicine and Tibetan Astro-Science and hence played a pivotal role in the preserving and flourishing of these two traditions. In 1916, His Holiness the Great 13th Dalai Lama established Lhasa Men-Tsee-Khang (Tibetan Medical and Astro-Institute) and it continued full-fledged till the invasion of Tibet and destruction of its race, culture and so forth by the Chinese Communist Government in 1959. In wake of this, His Holiness the Great 14th Dalai Lama and his retinues had to flee to India to safeguard Tibet’s identity including its unique culture and traditions. In the early days of exile in India, His Holiness established schools, monasteries and institutes to preserve and revive Tibetan Buddhism, culture, tradition and this center was part of the establishments carried in the early exile days. In 1962, with just one teacher and two students, Tibetan Medical and Astro-College was incepted with kind blessings of His Holiness and till date, 17 Medical batches totaling 311 Tibetan Medical practitioners and 8 Astro-Science batches totaling 60 Tibetan Astro-science practitioners have graduated and they are actively serving at the main institute and branch clinics to help patients set free from physical and mental sufferings. Moreover, at present there are 84 Medical students and 22 Astro-Science students studying at the college. The enrolment to Tibetan Medical and Astro-College is not exclusive to Tibetan students as anyone interested in the learning of these two traditions are welcome to study if they fulfill the mentioned criteria including the passing of entrance tests. Also for those who do not have good command over Tibetan language, short span courses in English are organized each year and our college also facilitates lecturers to our collaborated academic centres abroad. At Tibetan Medical and Astro-College, traditional methods of inculcating knowledge through memorization of root texts, introduction of medicinal herbs grown over Himalayan region and raw unprepared substances used in medicines, medicinal compounding techniques and so forth goes hand in hand with the adoption of the latest pedagogic methods of modern science and technology. Moreover, to further advance and widen the medical knowledge of students to complement in their understanding of Tibetan Medicine, Medical professors and doctors from Emory University’s School of Medicine, USA has been coming to our college to teach our students for two-weeks each summer on different bio-medical subjects like anatomy, diagnostic methods and so forth. Our medical students also get to visit Dr. Rajendra Prasad Government Medical College at Tanda for a weeklong program where they get to practically study the complete regional anatomy via dissections and so forth. Adding to this, we also have a modern science lecturer in our faculty teaching regularly with set syllabus. Tibetan Medicine and Tibetan Astro-Science enjoys deep bonding with Tibetan Buddhism and in particular, the six qualities of physicians mentioned in Tibetan Medical text is very much a subscription from Tibetan Buddhism. As knowledge and understanding of Tibetan Buddhism is very important, we have been inviting Tibetan Buddhist scholars at regular intervals to teach and educate our students. In particular, our college has been carrying Yuthok Nyingthik ritual practice introduced by the then chant master of Chagpori Medical College Venerable Dr. Tenzin Palchok la (late) on either of the 10th or 25th Lunar day of each month to prosper and flourish the practice of these two traditions. Similarly, efforts are made to have all our students blessed with Yuthok Nyingthik initiation by offering requests to Kyabje Khamtrul Rinpoche, Kyabje Ganor Rinpoche and so forth. In short, Tibetan Medical and Astro-Science College is an advanced learning center of Tibetan Medicine and Tibetan Astro-Science where traditional and modern teaching techniques are beautifully interwoven and it can be proudly said that the students studying at our college are the eligible graduates of Tibetan Schools in terms of both academic and moral aspects.

༄༄། །ཟླ་འདིའི་ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་རྒྱ་གར་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་ཀྱི་སྐོར་བསྐྱོད་ཚོགས་ཆུང་གི་འཐུས་མི་སྨན་པ་Ad...
31/07/2026

༄༄། །ཟླ་འདིའི་ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་རྒྱ་གར་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་ཀྱི་སྐོར་བསྐྱོད་ཚོགས་ཆུང་གི་འཐུས་མི་སྨན་པ་Aditya Nath Tewari ལགས་དང་སྨན་པ་ Karma Tharchin ལགས་གཉིས་འདི་གའི་མཐོ་སློབ་ཏུ་རྟོག་ཞིབ་ཏུ་ཕེབས་གནང་ཡོད།

NCISM Visitation committee members Dr. Adithya Nath Tewari and Dr. Karma Tharchin visited our College and Hospital on 29th and 30th July 2026 to physically inspect the availability of required facilities as per NCISM Sowa-Rigpa Regulations.

༄༄། །ཕྱི་ལོ་ ༢༠༢༦-༢༠༢༧ སློབ་དུས་ཀྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པའི་རྒྱལ་ཡོངས་གསོ་བ་རིག་པའི་འཛུལ་རྒྱུགས་ཆེན་མོའི་གྲུབ་འབ...
31/07/2026

༄༄། །ཕྱི་ལོ་ ༢༠༢༦-༢༠༢༧ སློབ་དུས་ཀྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པའི་རྒྱལ་ཡོངས་གསོ་བ་རིག་པའི་འཛུལ་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས།
The results for the NEET Sowa-Rigpa Undergraduate Academic Year 2026-2027.
Congratulations to all the Qualified Candidates.

On 24th July 2026, as part of their official Central Tibetan Administration (CTA) visit, Parliamentarians Juchen Kunchok...
28/07/2026

On 24th July 2026, as part of their official Central Tibetan Administration (CTA) visit, Parliamentarians Juchen Kunchok Chodon and Tsewang Tashi Bhara visited Bangalore Men-Tsee-Khang Sowa-Rigpa Medical College & Hospital. During their visit, they were warmly received by the college administration, faculty members and students. The two parliamentarians toured the college campus and hospital facilities, where they were briefed on the institution’s academic programs, clinical services, educational infrastructure and ongoing activities. They also interacted with the faculty and students, gaining valuable insights into the college’s academic environment, healthcare services and its role in preserving and promoting the traditional Sowa-Rigpa system of medicine.

On 24 July 2026, Empowering the Vision (EVP), in collaboration with Youth Empowerment Support (YES+), Department of Home...
28/07/2026

On 24 July 2026, Empowering the Vision (EVP), in collaboration with Youth Empowerment Support (YES+), Department of Home, Central Tibetan Administration (CTA), successfully conducted an Employability Skills Training Workshop for all BSRMS students at Bangalore Men-Tsee-Khang Sowa-Rigpa Medical College & Hospital. The interactive session equipped students with practical skills in resume writing, interview preparation, professional communication, career planning and workplace readiness. Led by a certified professional trainer, the workshop inspired participants to build confidence, strengthen their professional skills and prepare for higher education and future career opportunities. We extend our sincere gratitude to EVP, YES+, and the Department of Home, CTA, for organizing this valuable and empowering initiative for Tibetan youth.

ཕྱི་ལོ ༢༠༢༦ ཟླ ༧ ཚེས ༨ ཉིན། སྦེལ་ཀོབ་སམ་བྷོ་ཊའི་སློབ་གྲྭའི་འཛིན་གྲྭ ༩ དང ༡༠ བཅས་ཀྱི་སློབ་མ་གྲངས ༧༡ དང་དགེ་རྒན་གཉིས་འདི་ག...
13/07/2026

ཕྱི་ལོ ༢༠༢༦ ཟླ ༧ ཚེས ༨ ཉིན། སྦེལ་ཀོབ་སམ་བྷོ་ཊའི་སློབ་གྲྭའི་འཛིན་གྲྭ ༩ དང ༡༠ བཅས་ཀྱི་སློབ་མ་གྲངས ༧༡ དང་དགེ་རྒན་གཉིས་འདི་ག་སྦེང་ལོར་སྨན་རྩིས་མཐོ་སློབ་དང་སྨན་ཁང་དུ་གཟིགས་སྐོར་ལ་ཕེབས་པས། སློབ་སྤྱིའི་གཙོས་པའི་སྡེ་ཚན་གྱི་སྨན་དགེ་སོ་སོས་མཐོ་སློབ་དང་སྨན་གྱི་སློབ་ཁྲིད་བྱེད་སྒོ་ཁག་ངོ་སྤྲོད་གནང་ཡོད།

On 8th and 9th June 2026, a group of 71 students from Classes IX and X, accompanied by two Teachers from Sambhota Tibetan School, Bylakuppe and Kollegal, visited our Men-Tsee-Khang Sowa-Rigpa College and Hospital, Bengaluru. The educational tour aims to provide the students with an opportunity to explore the college’s academic facilities, gain an insight into the Tibetan medical system and college educational programs. The visit offered the students a valuable learning experience and a better understanding of traditional Tibetan medicine and the academic environment of the institution.

Celebrating the 91st Birthday of His Holiness the 14th Dalai Lama 🕊️On 6th July, Bangalore MenTseeKhang Sowa-Rigpa Medic...
07/07/2026

Celebrating the 91st Birthday of His Holiness the 14th Dalai Lama 🕊️

On 6th July, Bangalore MenTseeKhang Sowa-Rigpa Medical College & Hospital, in collaboration with DLIHE College, Bangalore Tibetan Youth Hostel and CRO, celebrated this special occasion with prayers, a cake-cutting ceremony, inspiring speeches and the plantation of 130 trees across the DLIHE and Men-Tsee-Khang campuses as a prayer for His Holiness’s long life. The day concluded with an evening gathering at the Bangalore Tibetan Youth Hostel, making it a truly meaningful celebration.

May His Holiness continue to inspire the world with compassion, wisdom, and peace. 🙏🌿

On this momentous occasion of the 91st birthday of His Holiness the Great 14th Dalai Lama, the entire faculty, staff and...
05/07/2026

On this momentous occasion of the 91st birthday of His Holiness the Great 14th Dalai Lama, the entire faculty, staff and student body of Bangalore Mentseekhang College extend our deepest reverence and heartfelt wishes.

Your Holiness, your unwavering commitment to peace, compassion, and the preservation of Tibetan culture and wisdom has been a guiding light to countless people around the world. As practitioners and students of Sowa Rigpa, we are eternally grateful for your tireless efforts in nurturing and uplifting the traditional Tibetan medical system, which continues to inspire and heal.

May this milestone year bring you abundant health, boundless joy, and continued strength. May your message of universal responsibility and compassion continue to resonate across all corners of the world.

With deepest respect and warmest wishes,
Bangalore MenTseeKhang Sowa-Rigpa College

Bangalore Men-Tsee-Khang Sowa Rigpa Medical College enthusiastically observed World Yoga Day on 21 June 2026 (Sunday) wi...
22/06/2026

Bangalore Men-Tsee-Khang Sowa Rigpa Medical College enthusiastically observed World Yoga Day on 21 June 2026 (Sunday) with great enthusiasm and participation. The program was led by Instructor Dr. Chemi Lhamo, who guided the participants through a series of yoga postures, breathing exercises, and mindfulness practices aimed at promoting physical health, mental well-being, and holistic living. All BSRMS students actively took part in the session, demonstrating their commitment to a healthy lifestyle and the integration of traditional wisdom with modern wellness practices. The event highlighted the importance of yoga in fostering balance, discipline, and inner harmony, while also reinforcing the institution’s dedication to holistic healthcare and personal well-being.

༄༄། །བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་ས་ག་ཟླ་བའི་ཚེས་ ༡༢ དང་ཕྱི་ཚེས་ ༢༨ ཉིན་དགེ་སློབ་རྣམ་པས་རྒྱུད་གསུམ་དག་སྒྲོག་ཞུས།།...
28/05/2026

༄༄། །བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་ས་ག་ཟླ་བའི་ཚེས་ ༡༢ དང་ཕྱི་ཚེས་ ༢༨ ཉིན་དགེ་སློབ་རྣམ་པས་རྒྱུད་གསུམ་དག་སྒྲོག་ཞུས།།

On 28th May, all the lecturers and students participated in the recitation of the Gyudsum, the sacred medical text of Sowa Rigpa tradition.

Address

Men-Tsee-Khang (Sowa Rigpa)College ಮೆನ್-ಟಸಿ-ಖಾಂಗ್ (ಸೋವ ರಿಗ್ಪಾ)…
Bangalore
562109

Opening Hours

Monday 9am - 4:30am
Tuesday 9am - 4:30pm
Wednesday 9am - 4:30pm
Thursday 9am - 4:30pm
Friday 9am - 4:30pm
Saturday 9am - 4:30pm

Telephone

+917676375687

Alerts

Be the first to know and let us send you an email when སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་། Tibetan Medical & Astro.College Bengaluru posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Practice

Send a message to སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་། Tibetan Medical & Astro.College Bengaluru:

Shortcuts

Share

Category