08/27/2026
༄༅། །བསྟན་པ་རྒྱས་པར་བྱེད་པའི་སྨོན་ལམ་ལྷ་རྔའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །
「佛法增弘祈愿文·天鼓雷音」
ཨོཾ་སྭསྟི།
願吉祥!
རྒྱལ་བའི་བསྟན་པ་རིན་ཆེན་འདི། །
勝者教法如意寶
ཕྱོགས་ཀུན་རྒྱས་ཤིང་དར་བར་ཤོག །
願於諸方遍增廣
འཆད་ཉན་སྒོམ་གསུམ་ཉམས་མེད་པར། །
講說聽聞及實修
ཡུན་རིང་གནས་ཤིང་འཕེལ་བར་ཤོག །
不壞長久願興盛
མཁས་གྲུབ་དམ་པ་མང་པོ་ཡིས། །
眾多大智成就者
ལུང་རྟོགས་སྣང་བ་འབར་བར་ཤོག །
教法証法光熾然
བསྟན་འཛིན་བླ་མ་རྣམས་ཀྱི་སྐུ། །
持勝教法眾上師
བརྟན་ཅིང་ཕྲིན་ལས་རྒྱས་པར་ཤོག །
蓮足永固事業弘
དགོན་གནས་ཐམས་ཅད་དགེ་ལེགས་ཤིང་། །
一切蘭若與精舍
ཚོགས་གཉིས་ཆར་བ་འབེབས་པར་ཤོག །
普降吉祥福慧雨
དགེ་འདུན་རྣམས་ཀྱི་ཐུགས་མཐུན་ཞིང་། །
僧伽大眾心意合
བསླབ་གསུམ་ཉམས་ལེན་དར་བར་ཤོག །
戒定慧學實修成
འགྲོ་ཀུན་དད་པའི་ས་བོན་རྒྱས། །
願潤眾生信心種
སྡིག་སྤྱོད་སྤོང་ཞིང་དགེ་བ་སྒྲུབ། །
普斷惡業修淨善
བྱང་ཆུབ་སེམས་ཀྱི་མེ་ཏོག་བཞད། །
菩提覺心妙華綻
ཞི་བདེའི་དཔལ་གྱིས་འཛམ་གླིང་ཁྱབ། །
瞻洲遍滿寂靜樂
བདག་གཞན་ཐམས་ཅད་ཚེ་རབས་ཀུན། །
自他一切生世中
དམ་ཆོས་འདི་དང་མི་འབྲལ་ཞིང་། །
願恆不離妙法道
ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་བྱང་། །
圓滿二資除二障
མྱུར་དུ་སངས་རྒྱས་ཐོབ་པར་ཤོག །
正等覺果願速證
ཅེས་བསྟན་རྒྱས་སྨོན་ལམ་ལྷ་རྔའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་ས་སྐྱའི་མཁན་པོ་བྱམས་པ་བསྟན་འཕེལ་གྱིས་མེ་རྟོ་ལོ་ས་ག་ཟླ་བའི་ཚེས༡༢་པར་ཞེ་ཐག་པ་ནས་བགྱིས་པའོ། །མཻ་ཏྲཱི་དཀོན་མཆོག་འབངས་ཀྱིས་བསྒྱུར་ནས་ཤན་སྦྱར་བསྒྲིགས།།
此乃堪布蔣巴丹佩所書。